《བོད་ལྗོངས་ས་གནས་ལོ་རྒྱུས》ཀྱི་རྩོམ་བསྡུའི་སྐོར་གྱི་གསལ་བརྡ།
来源: 西藏自治区党委党史研究室(区地方志办公室) 作者: 时间: 2023-09-19
རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་རྣམ་པ། ལྷན་རྒྱས་སྐུ་ཁམས་བཟང་།
《བོད་ལྗོངས་ས་གནས་ལོ་རྒྱུས》དུས་དེབ་གཉེར་ཚུན་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོའི་གདེང་འཇོག་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ཅིང་། ཁྱེད་རྣམ་པའི་རྒྱབ་སྐྱོར་དང་རོགས་རམ་འོག《བོད་ལྗོངས་ས་གནས་ལོ་རྒྱུས》དུས་དེབ་འདི་ཡག་ཐོག་ཡག་བརྩེགས་བྱུང་ཡོད་པས་ཁྱེད་རྣམ་པས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དུས་དེབ་འདིས་ཕྱོགས་གང་ས་ཅི་ཐད་ནས་བོད་ལྗོངས་ཀྱི་གནའ་དེང་གནས་ཚུལ་དང་ཏང་གི་བོད་ལྗོངས་སྐོར་གྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བཅས་ངོ་སྤྲོད་བྱེད་རྒྱུ་དང་“ལོ་རྒྱུས་ཉར་ཚགས་དང་། སྲིད་དོན་སྐྱོང་རོགས། ཤེས་ལྡན་མི་སྣ་གསོ་སྐྱོང་”ཐད་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། དེ་བཞིན་ས་གནས་ཀྱི་རིག་གནས་ཐོན་ཁུངས་ཉར་ཚགས་དང་སྲུང་སྐྱོང་། བེད་སྤྱོད། དྲིལ་བསྒྲགས་བཅས་ཡག་པོ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་ལ་ཞབས་འདེགས་སྔར་ལས་ལྷག་པ་ཞུ་ཆེད། བོད་ཀྱིས་གནའ་སྔ་མོ་དང་དུས་རབས་གསར་པའི་ནང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས“དོན་ཆེན་བཞི”དོན་འཁྱོལ་ཡོང་བར་དམ་འཛིན་ལྷོད་མེད་བྱེད་པ་དང་“འཛུགས་གཏོད་བཞི”ཡི་ནང་ཐོབ་པའི་གྲུབ་འབྲས་དང་ལོ་རྒྱུས་ཀྱི་རིན་ཐང་། སློབ་གསོའི་དོན་སྙིང་གལ་ཆེན་བཅས་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་མ་ཟད་དུས་རབས་གསར་པའི་བོད་ལྗོངས་ཀྱི་ས་གནས་གནས་ཚུལ་དང་རྣམ་པ་བཟང་པོ་མངོན་པ་སོགས་ཀྱི་རྩོམ་ཡིག་བསྡུ་རྒྱུ་ཡིན་པས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས། དེ་བཞིན་རྒྱ་ཆེའི་རྩོམ་འབྲིར་དགའ་ཞེན་ཡོད་མཁན་ཚོས་རྩོམ་ཡིག་མཁོ་འདོན་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
གཅིག རྩོམ་བསྡུའི་རྩ་དོན།
(གཅིག)ཆབ་སྲིད་རང་བཞིན་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ། རྩོམ་ཡིག་དང་འདྲ་པར། དཔྱད་གཞི་སོགས་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། བརྗོད་དོན་གཙོ་བོ་དར་སྤེལ་བཏང་ནས་དྲང་ནུས་མཚོན་ཐུབ་པ་བྱེད་དགོས།
(གཉིས)དངོས་ཐོག་བདེན་འཚོལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ། དཔྱད་གཞིའི་ཡིག་རིགས་ལོ་རྒྱུས་དངོས་དང་མཐུན་དགོས་ཤིང་གསར་རྩོམ་བྱས་པ་ཡིན་དགོས་ལ་རྩོམ་ཡིག་གི་ནང་དོན་བདེན་པ་བདེན་ཐུབ་ཡིན་དགོས།
གཉིས། རྩོམ་བསྡུའི་ནང་དོན།
(གཅིག)ས་གནས་ཀྱི་དཔྱད་གཞིའི་སྐོར།རིམ་ཁག་ལོ་རྒྱུས་ཚན་པ་དང་ཐིང་ཅུས་ཁག ས་གནས་དང་གྲོང་ཁྱེར་རྫོང་ཆུས་ཁག སློབ་གྲྭ་དང་ཚན་པ། ཁེ་ལས། སྤྱི་ཚོགས་ཚོགས་པ་སོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དང་བསྡོམས་རྩིས་དཔྱད་གཞི། དཔྱད་གཞིའི་ཡིག་རིགས་ཕྱོགས་བསྒྲིགས། གྲུབ་འབྲས་ཕྱོགས་བསྒྲིགས། ལས་རིགས་ཀྱི་ལོ་འཁོར་སྙན་ཞུའི་དཔྱད་གཞི། བརྟག་ཞིབ་སྙན་ཞུ་ཕྱོགས་བསྒྲིགས་སོགས་ལ་ལོ་རྒྱུས་ཉར་ཚགས་ཀྱི་ཁྱད་ཆོས་དང་ཞིབ་འཇུག་གི་རིན་ཐང་ལྡན་པའི་ཚད་ལྡན་དཔྱད་གཞི་ཡིན་དགོས།
(གཉིས)མི་སྣའི་དཔྱད་གཞིའི་སྐོར། བོད་ཀྱི་ལོ་རྒྱུས་དོན་ཆེན་དང་ཚོགས་འདུ་གལ་ཆེན། བྱེད་སྒོ་གལ་ཆེན་(གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དཔའ་བོ་དཔེ་བཟང་མི་སྣ)བཅས་དང་འབྲེལ་བ་ཡོད་པའི་དཔྱད་གཞིའི་ཡིག་རིགས་དང་། རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཏང་དོན་གྱི་ཕུལ་བྱུང་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་མཚན་སྙན་ཐོབ་མཁན། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་མི་སྣའི་མཚན་སྙན་ཐོབ་མཁན། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ལྔ་གཅིག་གཟེངས་རྟགས་ཐོབ་མཁན་སོགས་ལས་རིགས་ཁག་གི་ཡིག་ཚགས་དཔྱད་གཞི་ཡིན་དགོས།
(གསུམ)རྨང་གཞིའི་སྒྲིག་བཀོད་སྐོར། བོད་ཀྱི་འགྲིམ་འགྲུལ་དང་ཆུ་བེད་སྒྲིག་བཀོད། སྤྱི་པའི་རིག་གནས་སྒྲིག་བཀོད། སློབ་གྲྭ་དང་སྨན་ཁང་། ཁེ་ལས། ཁྲོམ་གཞུང་། སྤྱི་གླིང་སྔོ་འགྱུར་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།དེ་བཞིན་དམངས་ཕྱུག་དང་མཐའ་མཚམས་སྟོབས་ལྡན་སོགས་ཀྱི་ནང་དོན་མཚོན་པའི་ཚད་ལྡན་དཔྱད་གཞི་ཡིན་དགོས།
(བཞི)ཁྱད་ལྡན་ཐོན་ལས་སྐོར། བོད་ཀྱི་ཞིང་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་ཐད་དཔེར་ན་སྟར་ཁ་དང་སྔོ་ཚལ། ཤིང་འབྲས། བོད་སྨན་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་དང་། ཁྱད་ལྡན་གསོ་ཚགས། ཁྱད་ལྡན་འདེབས་འཛུགས་དེ་བཞིན་དྲ་ཐོག་ཚོང་གཉེར་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་མཛེས་ལྗོངས་སོགས་ཁྱད་ལྡན་ཐོན་ལས་གཞན་དག་མཚོན་པའི་ཚད་ལྡན་དཔྱད་གཞི་ཡིན་དགོས།
(ལྔ)རིག་གནས་ཤུལ་བཞག་སྐོར། བོད་ཀྱི་ལོ་རྒྱུས་རིག་གནས་དང་རིག་དངོས་གནའ་ཤུལ། ལོ་རྒྱུས་གནའ་ཤུལ་རྙིང་པའམ་ཡང་ན་གསར་བརྗེའི་རྗེས་ཤུལ་སོགས་ཀྱི་ནང་དོན་མཚོན་པའི་ཚད་ལྡན་དཔྱད་གཞི་ཡིན་དགོས།
(དྲུག)བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བྱ་གཞག་གོང་འཕེལ་དང་དམངས་འཚོ་བདེ་སྐྱིད། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་སྤྲོ་གསེང་རོལ་རྩེད། དམངས་ཡོངས་ཀྱི་ལུས་སྦྱོང་། སློབ་གསོ་སློབ་ཁྲིད། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་ཕན་བདེ། གོམས་སྲོལ་སྒྱུར་བ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན། མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་བཅས་ཀྱི་ནང་དོན་མཚོན་པའི་ཚད་ལྡན་དཔྱད་གཞི་ཡིན་དགོས།
(བདུན)དམངས་སྲོལ་དུས་ཆེན་སྐོར། བོད་ཀྱི་ཁྱད་ཆོས་མཚོན་པའི་དམངས་སྲོལ་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། དམངས་སྲོལ་བྱེད་སྒོ། ས་གནས་ཀྱི་གནས་ཚུལ་དང་རྣམ་པ་སོགས་མཚོན་པའི་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་རིགས་ཡིན་དགོས།
གསུམ། རྩོམ་ཡིག་གི་རེ་བ།
(གཅིག)རྩོམ་འགན་རང་འཁུར་བྱེད་དགོས་པ་དང་བརྩམས་ཆོས་ཀྱིས་མི་གཞན་གྱི་ཁེ་དབང་ལ་བཙན་གནོད་བྱས་པ་ལས་ཐོན་པའི་རྩོད་གཞི་བྱུང་ཚེ་དུས་དེབ་འདིའི་རྩོམ་སྒྲིག་པུའུ་ཡིས་ལེ་འཁྲི་འཁུར་རྒྱུ་མིན། གཙོ་རྒྱུགས་སྨྱན་སྦྱོར་དང་དུས་དེབ་ཐོག་ཐེངས་མང་སྤེལ་ཟིན་པའི་རྩོམ་ཡིག་ཡིན་ཚེ་རྩ་དོན་ཐོག་ཐེངས་འདིའི་རྩོམ་བསྡུའི་ཁོངས་སུ་ཚུད་ཀྱི་མེད།
(གཉིས)རྩོམ་ཡིག་ཚང་མར(དཔྱད་གཞིའི་ཡིག་རིགས་དང་པར་རིས་དེ་བཞིན་བརྙན་རིས་དཔྱད་གཞི་ཚུད)རྩོམ་པ་པོའི་མིང(ཚན་པའི་མིང་ཐོག་དང་མི་སྒེར་རམ་ཡང་ན་མིང་མཉམ་འགོད་བྱས་ཆོག)དང་ཞིབ་ཕྲའི་འཕྲིན་གཏོང་ས་གནས། གློག་རྡུལ་ཡིག་སྒམ། སྦྲག་སྲིད་ཨང་གྲངས། འབྲེལ་གཏུག་ཁ་པར་སོགས་རྩོམ་ཡིག་གི་མཇུག་ཏུ་གསལ་པོར་འབྲི་དགོས། ལོ་རྒྱུས་ཀྱི་དཔྱད་གཞི་དང་མི་གཞན་གྱི་རྩོམ་ཡིག་འདྲེན་སྤྱོད་བྱས་ཚེ་འདྲེན་ཁུངས་མཆན་འགྲེལ་བྱེད་དགོས་ཤིང་གལ་ཏེ་རང་གིས་བཤད་ནས་གཞན་གྱིས་ཟིན་འགོད་ལེགས་སྒྲིག་བྱས་པ་ཡིན་ཚེ་ལོ་རྒྱུས་ཤོད་མཁན་དང་བཅར་འདྲི་བྱེད་མཁན། འབྲེལ་གཏུག་བྱེད་མི། དེ་བཞིན་འབྲེལ་གཏུག་བྱེད་སྟངས་གསལ་པོ་འབྲི་དགོས་པ་དང་། ལག་བྲིས་མ་ཟིན་དང་། པར་འདེབས་མ་ཟིན། གློག་རྡུལ་མ་ཟིན་བཅས་གང་རུང་ཆོག གལ་ཏེ་རྩོམ་ཡིག་ནང་བར་བཅུག་རི་མོ་ཡོད་ཚེ་JPGཔར་རིས་རྣམ་པའི་སྒོ་ནས་ལོགས་སུ་བསྐུར་རྒྱུ་མ་ཟད་པར་རིས་གསལ་བཤད་འབྲི་དགོས།
(གསུམ)རྩོམ་ཡིག་བསྐུར་བ་གང་དག་རྩོམ་པ་པོས་མ་ཟིན་ཉར་ཚགས་བྱེད་དགོས། རྩོམ་ཡིག་འབྱོར་རྗེས་སྔ་རྗེས་སུ་འགོད་སྲིད་པ་དང་ཟླ་གསུམ་ནང་ཚུན་དུ་རྩོམ་པ་པོར་ལན་ཞུ་རྒྱུ་ཡིན།
(བཞི)རྩོམ་ཡིག་བདམས་སྤྱོད་བྱས་རྗེས་རྩོམ་པ་པོར་དུས་དེབ་འབུལ་བ་དང་སྦྲགས《<རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་དང་ས་གནས་ལོ་རྒྱུས་དུས་དེབ་ཀྱི་གྲོན་དངུལ་བེད་སྤྱོད་དང་དོ་དམ་སྐོར་གྱི་གཏན་འབེབས>པར་འགྲེམས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་གཞིར་བཟུང་རྩོམ་པ་པོར་རྩོམ་ཡོན་སྤྲོད་རྒྱུ་ཡིན།
བཞི། རྩོམ་བསྡུའི་དུས་ཚོད།
གསལ་བརྡ་འདི་ཡོངས་བསྒྲགས་བྱས་པའི་ཉིན་མོ་ནས་བཟུང་ཡུན་རིང་རྩོམ་ཡིག་བསྡུ་རྒྱུ་ཡིན།
ལྔ། རྩོམ་ཡིག་བསྐུར་སྟངས།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་(ལྗོངས་ས་གནས་ལོ་རྒྱུས་གཞུང་ལས་ཁང)དུས་དེབ་རྩོམ་སྒྲིག་པུའུ་ལ་བསྐུར་དགོས་ཤིང་སྦྲག་སྲིད་དང་གློག་རྡུལ་ཡིག་སྒམ་སོགས་བརྒྱུད་ནས་བསྐུར་དགོས།
འབྲེལ་གཏུག་མི་སྣ། བསོད་ནམས་སྒྲོལ་དཀར།
འབྲེལ་གཏུག་ཁ་པར། 0891-6326845 0891-6338111-8827
སྦྲག་སྒམ། xzdfzbjb@163.com
སྐུར་ཡུལ། བོད་ལྗོངས་ལྷ་ས་ཁྲེན་ཀོན་ཆུད་བཅིངས་འགྲོལ་ཤར་ལམ་ཨང་1བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དུས་དེབ་རྩོམ་སྒྲིག་པུའུ།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་
(ལྗོངས་ས་གནས་ལོ་རྒྱུས་གཞུང་ལས་ཁང་)
2023ལོའི་ཟླ་9ཚེས་11ཉིན།
扫一扫在手机打开当前页