《བོད་ཀྱི་ཏང་གི་ལོ་རྒྱུས་དཔྱད་གཞི》ཡི་རྩོམ་བསྡུའི་སྐོར་གྱི་གསལ་བརྡ།

来源: 西藏日报 作者: 时间: 2023-09-19

རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་རྣམ་པ།    ལྷན་རྒྱས་སྐུ་ཁམས་བཟང་།

བོད་ཀྱི་ཏང་གི་ལོ་རྒྱུས་དཔྱད་གཞིདུས་དེབ་གཉེར་ཚུན། རྩོམ་པ་པོ་དང་ཀློག་པ་པོའི་གདེང་འཇོག་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ཅིང་། ཁྱེད་རྣམ་པའི་རྒྱབ་སྐྱོར་དང་རོགས་རམ་འོགབོད་ཀྱི་ཏང་གི་ལོ་རྒྱུས་དཔྱད་གཞིདུས་དེབ་འདི་ཡག་ཐོག་ཡག་བརྩེགས་བྱུང་ཡོད་པས་ཁྱེད་རྣམ་པས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཏང་གི་ལོ་རྒྱུས་དཔྱད་གཞིའི་རྩོམ་བསྡུ་དང་རྩོམ་སྒྲིག་ལས་དོན་སྔར་བས་ཡག་པ་སྤེལ་ཏེ་ཕྱོགས་གང་ས་ཅི་ཐད་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་ཀྱི་གྲུབ་འབྲས་ཐོབ་པ་མཚོན་ཆེད་དང་། ཏང་གི་ལོ་རྒྱུས་དུས་དེབ་ལ་མངའ་བའི“ ལོ་རྒྱུས་ཉར་ཚགས་དང་།  སྲིད་དོན་སྐྱོང་རོགས། ཤེས་ལྡན་མི་སྣ་གསོ་སྐྱོང་ ” ཐད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་ཐུབ་པ་བཅས་ཡོང་ཆེད། ད་ལྟ་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་རྩོམ་བསྡུའི་སྐོར་གྱི་གསལ་བརྡ་གཏོང་རྒྱུ་ཡིན་པས། བོད་ཀྱི་གསར་བརྗེའི་འཛུགས་སྐྲུན་བྱ་གཞག་ནང་དངོས་སུ་བཞུགས་མྱོང་མཁན་དང་། བརྒྱུད་མྱོང་མཁན། བདེན་དཔང་ཐུབ་མཁན་བཅས་ཀྱི་དབུ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས། དེ་བཞིན་ལས་རིགས་ཁག་གི་རིག་གནས་ལོ་རྒྱུས་རྩོམ་འབྲིར་དགའ་ཞེན་ཡོད་མཁན་ཚོས་རྩོམ་ཡིག་མཁོ་འདོན་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

གཅིག  རྩོམ་བསྡུའི་རྩ་དོན།

གཅིགརིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཆབ་སྲིད་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ། བསྐུར་བའི་རྩོམ་ཡིག་དང་འདྲ་པར། དཔྱད་གཞི་སོགས་ཚང་མར་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཤིང་། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ་དང་དྲང་ནུས་མངོན་པ་བྱེད་དགོས།

གཉིསདངོས་ཐོག་བདེན་འཚོལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ། གསལ་བཤད་གནང་བའི་དཔྱད་གཞི་དེ་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་དགོས་ཤིང་། བསྐུར་བའི་རྩོམ་ཡིག་དག་ངེས་པར་དུ་གསར་རྩོམ་ཡིན་དགོས་ཁར་དྲང་བདེན་གྱིས་བརྗོད་འབྲི་བྱེད་པ་ལས་འུད་སྒྲོག་དང་འཁྱོག་བཤད།  དམའ་འབེབས་གཏོང་བ་སོགས་བྱེད་མི་ཆོག

གཉིས།  རྩོམ་བསྡུའི་ནང་དོན།

གཅིགཏང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་གཙོ་བོར་བྱས་པའི་ལོ་རྒྱུས་ཀྱི་རྩོམ་ཡིག་བསྡུ་རྒྱུའི་སྐོར། ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་འཐབ་ཕྱོགས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།“མདུན་གྲལ་དུ་སླེབས་པ་བཞི” བྱེད་རྒྱུ་བཅས་ལ་དམིགས་ཏེ་རྒྱུན་ཆད་མེད་པར་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུར་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་འོག་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐུབ་པ་དང་། དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། མི་དམངས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་འགྱུར་བ་སོགས་གོང་འཕེལ་དང་འགྱུར་ལྡོག་མཚོན་པའི་ལོ་རྒྱུས་ཀྱི་རྩོམ་ཡིག་རིགས་བསྡུ་རྒྱུ།

གཉིསབོད་ལྗོངས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་གཙོ་བོར་བྱས་པའི་ལོ་རྒྱུས་ཀྱི་རྩོམ་ཡིག་བསྡུ་རྒྱུའི་སྐོར། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་བསྒྱུར་བྱས་པ། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ། བསྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་དུས་མཚམས་མི་འདྲ་བའི་གོང་འཕེལ་གྱི་ལོ་རྒྱུས་འཕེལ་རིམ་སོགས་ལ་དམིགས་ནས་གསར་བརྗེའི་ལོ་རྒྱུས་དང་། ལོ་རྒྱུས་ཀྱི་ཤུལ་དངོས། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཚད་ལྡན་དཔྱད་གཞི། འདྲ་པར། དཔེ་མཚོན་བྱས་རྗེས་སོགས་དང་དེ་བཞིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་7 0ལྷག་ཙམ་སོང་རིང་བྱ་གཞག་ཁག་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་བཅས་མཚོན་པའི་ལོ་རྒྱུས་རྩོམ་ཡིག་རིགས་བསྡུ་རྒྱུ།

གསུམབོད་ཀྱི་གསར་བརྗེའི་ལོ་རྒྱུས་མི་སྣ་གཙོ་བོར་བྱས་པའི་ལོ་རྒྱུས་ཀྱི་རྩོམ་ཡིག་བསྡུ་རྒྱུའི་སྐོར། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་བྱེད་པའི་ནང་དངོས་སུ་བརྒྱུད་མྱོང་མཁན་གྱི་བླ་ན་མེད་པའི་དཔེ་མཚོན་དང་དཔའ་བོའི་བྱས་རྗེས་སོགས་ལ་དམིགས་ནས་གསར་བརྗེའི་སྔོན་བྱོན་པ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མི་སེམས་འགུལ་བའི་མཛད་རྗེས།  དེ་བཞིན་འཐབ་ཕྱོགས་ཁག་ནས་ཐོན་པའི་དཔའ་བོ་དང་དཔེ་བཟང་མི་སྣ། དེ་བཞིན་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་བཅས་ཀྱིས་མཐའ་མཚམས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་དང། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་ཡོང་ཆེད་ལེགས་སྐྱེས་ཕུལ་མཁན་དང་གསར་བརྗེའི་མཛད་རྗེས་མཚོན་པའི་ལོ་རྒྱུས་རྩོམ་ཡིག་རིགས་བསྡུ་རྒྱུ།

བཞིགསར་བརྗེའི་སྔོན་བྱོན་པའི་རིན་ཐང་བྲལ་བའི་བསམ་པའི་རྒྱུ་ནོར་གཙོ་བོར་བྱས་པའི་ལོ་རྒྱུས་དཔྱད་གཞིའི་རྩོམ་ཡིག་བསྡུ་རྒྱུའི་སྐོར།   “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”“ཁུང་ཧྥན་སེན་གྱི་སྙིང་སྟོབས”“མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས” སོགས་གཙོ་བོར་བྱས་པའི་ཀྲུང་གོའི་གུང་ཁྲན་ཏང་མིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དཀའ་སྤྱད་ལས་སྐྲུན་དང་། ལན་བརྒྱར་ཕམ་ཡང་དཔའ་མི་ཞུམ་པ། སྔོན་འགྱེལ་རྗེས་མཐུད་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ་བཅས་ལས་གྲུབ་པའི་རིན་ཐང་བྲལ་བའི་བསམ་པའི་རྒྱུ་ནོར་མཚོན་པའི་ལོ་རྒྱུས་རྩོམ་ཡིག་རིགས་བསྡུ་རྒྱུ།

ལྔབོད་ཀྱི་ཏང་གི་ལོ་རྒྱུས་རིག་གཞུང་ཐད་བསམ་གཞིག་བྱེད་རྒྱུ་གཙོ་བོར་བྱས་པའི་ལོ་རྒྱུས་རྩོམ་ཡིག་བསྡུ་རྒྱུའི་སྐོར། བོད་ལྗོངས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་དང་ཏང་འཛུགས་སྐྱོང་གི་ལག་ལེན་དངོས་སྐོར་གྱི་བསམ་གཞིག་དང་ཞིབ་འཇུག དེ་བཞིན་བོད་ཀྱི་ཉེ་རབས་ལོ་རྒྱུས་དང་དེང་རབས་ལོ་རྒྱུས་སྐོར་གྱི་ཞིབ་འཇུག བོད་ཀྱི་མི་རིགས་ཆོས་ལུགས་གནད་དོན་ཐད་ཀྱི་བསམ་གཞིག་དང་ཞིབ་འཇུག  བོད་ཀྱི་བསྒྱུར་བཅོས་དང་གོང་འཕེལ་ཐད་ཀྱི་བསམ་གཞིག་དང་ཞིབ་འཇུག བོད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ཀྱི་བསམ་གཞིག་དང་ཞིབ་འཇུག བོད་ཀྱི་དཔལ་འབྱོར་དང་རིག་གནས་སྐོར་གྱི་ཞིབ་འཇུག བོད་ཀྱི་ཏང་གི་ལོ་རྒྱུས་མི་སྣའི་ཞིབ་འཇུག་སྐོར་སོགས་མཚོན་པའི་རྩོམ་ཡིག་རིགས་བསྡུ་རྒྱུ།

གཞན་ཡང་།  2023ལོའི་ཟླ་12ཚེས་26ཉིན་ནི་བློ་མཐུན་མའོ་ཙེ་ཏུང་མཆོག་སྐུ་འཁྲུངས་ནས་ལོ་ངོ་130འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པས། ངེད་རྩོམ་སྒྲིག་པུའུ་ཡིས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ནས་བློ་མཐུན་མའོ་ཙེ་ཏུང་མཆོག་གིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་དང་པོའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་དང་རིགས་གཞུང་གསར་གཏོད་ཀྱི་གྲུབ་འབྲས་མཚོན་པའི་ཆེད་དོན་རྩོམ་ཡིག་དང་།  དེ་བཞིན་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་རྣམས་ཀྱི་རླབས་ཆེན་མཛད་རྗེས་དང་བསམ་པའི་ཉམས་འགྱུར་སོགས་ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་བློ་མཐུན་མའོ་ཙེ་ཏུང་མཆོག་སྐུ་འཁྲུངས་ནས་ལོ་ངོ་130འཁོར་བར་དྲན་གསོ་ཞུ་བའི་འབྲེལ་ཡོད་རྩོམ་ཡིག་རིགས་བསྡུ་རྒྱུ་བཅས་ཡིན།

གསུམ།  རྩོམ་ཡིག་གི་རེ་བ།

གཅིགརྩོམ་ཡིག་གི་རྣམ་པ་ནི་དྲན་གསོའི་རང་བཞིན་དང་དངོས་འབྲིའི་རང་བཞིན་གཙོ་བོར་བཟུང་སྟེ་ལོ་རྒྱུས་དོན་རྐྱེན་ནང་གི་དུས་ཚོད་དང་ས་ཆ། མི་སྣའི་བྱ་འགུལ།  འཕེལ་རྒྱས་དང་འགྱུར་ལྡོག་བཅས་ཀྱི་བརྒྱུད་རིམ་དང་ཞིབ་ཕྲའི་གནས་ཚུལ་བཅས་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་དགོས་ཤིང་།  ནང་དོན་སྤྱི་ཁོག་མཚོན་པ་ཆ་ཚང་བ་ཞིག་མ་བྱུང་རུང་། དོན་རྐྱེན་ནམ་བྱ་འགུལ། ལས་དོན། མི་སྣ་བཅས་གང་རུང་ཞིག་བཀོད་འབྲི་བྱེད་ཆོག་ལ། བརྒྱུད་རིམ་ཆ་ཚང་བའི་དུམ་བུ་གཅིག་གམ་ཟུར་གཅིག་བྲིས་ནའང་ཆོག

གཉིསརྩོམ་འགན་རང་འཁུར་བྱེད་དགོས་ཤིང་། བརྩམས་ཆོས་ཀྱིས་མི་གཞན་གྱི་ཁེ་དབང་ལ་བཙན་གནོད་བྱས་པ་ལས་ཐོན་པའི་རྩོད་གཞི་བྱུང་ཚེ། དུས་དེབ་འདིའི་རྩོམ་སྒྲིག་པུའུ་ཡིས་ལེ་འཁྲི་འཁུར་རྒྱུ་མིན། གཙོ་རྒྱུགས་སྨྱན་སྦྱོར་དང་དུས་དེབ་ཐོག་ཐེངས་མང་སྤེལ་ཟིན་པའི་རྩོམ་ཡིག་ཡིན་ཚེ་རྩ་བའི་ཆ་ནས་ཐེངས་འདིའི་རྩོམ་བསྡུའི་ཁོངས་སུ་ཚུད་ཀྱི་མེད།

གསུམརྩོམ་ཡིག་ཚང་མར(དཔྱད་གཞིའི་ཡིག་རིགས་དང་པར་རིས། དེ་བཞིན་བརྙན་རིས་དཔྱད་གཞི་སོགས་ཚུདརྩོམ་པ་པོའི་མིང་དང་ ཚན་པའི་མིང་ཐོག་དང་མི་སྒེར་རམ་ཡང་ན་མིང་མཉམ་འགོད་བྱས་ཆོགཞིབ་ཕྲའི་འཕྲིན་གཏོང་ས་གནས། གློག་རྡུལ་ཡིག་སྒམ། སྦྲག་སྲིད་ཨང་གྲངས། འབྲེལ་གཏུག་ཁ་པར་སོགས་རྩོམ་ཡིག་གི་མཇུག་ཏུ་གསལ་པོར་འབྲི་དགོས། ལོ་རྒྱུས་ཀྱི་དཔྱད་གཞི་དང་མི་གཞན་གྱི་རྩོམ་ཡིག་འདྲེན་སྤྱོད་བྱས་ཚེ་འདྲེན་ཁུངས་མཆན་འགྲེལ་བྱེད་འགོད་དགོས་ཤིང་།  གལ་ཏེ་རང་གིས་བཤད་ཅིང་གཞན་གྱིས་ཟིན་འགོད་ལེགས་སྒྲིག་བྱས་པ་ཡིན་ཚེ་ལོ་རྒྱུས་ཤོད་མཁན་དང་བཅར་འདྲི་བྱེད་མཁན།  འབྲེལ་གཏུག་བྱེད་མི། དེ་བཞིན་འབྲེལ་གཏུག་བྱེད་སྟངས་གསལ་པོ་འབྲི་དགོས་པ་དང་།  ལག་བྲིས་མ་ཟིན་དང་། པར་འདེབས་མ་ཟིན། གློག་རྡུལ་མ་ཟིན་བཅས་གང་རུང་ཆོག གལ་ཏེ་རྩོམ་ཡིག་ནང་པར་རིས་ཡོད་ཚེ། JPGཔར་རིས་རྣམ་པའི་སྒོ་ནས་ལོགས་སུ་བསྐུར་རྒྱུ་མ་ཟད་པར་རིས་ལ་གསལ་བཤད་འབྲི་དགོས།

བཞིརྩོམ་ཡིག་བསྐུར་བ་གང་དག་རྩོམ་པ་པོས་མ་རྩོམ་ཉར་ཚགས་བྱེད་དགོས།  རྩོམ་ཡིག་འབྱོར་རྗེས་སྔ་རྗེས་སུ་འགོད་སྲིད་པ་དང་ཟླ་གསུམ་ནང་ཚུན་དུ་རྩོམ་པ་པོར་ལན་ཡོད་པ་ཞུ་རྒྱུ།

ལྔ  རྩོམ་ཡིག་བདམས་བཀོད་བྱས་རྗེས། རྩོམ་པ་པོར་དུས་དེབ་ཕྱིར་འབུལ་དང་《<རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་དང་ས་གནས་ལོ་རྒྱུས་དུས་དེབ་ཀྱི་གྲོན་དངུལ་བེད་སྤྱོད་དང་དོ་དམ་བྱེད་སྟངས་སྐོར་གྱི་གཏན་འབེབསཔར་འགྲེམས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོབླང་བྱ་གཞིར་བཟུང་། རྩོམ་མཁན་ལ་རྩོམ་ཡོན་འབུལ་རྒྱུ་ཡིན།

བཞི།  རྩོམ་བསྡུའི་དུས་ཚོད།

གསལ་བརྡ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་དེ་ནས་བཟུང་ཡུན་རིང་བར་རྩོམ་བསྡུ་བྱེད་རྒྱུ།

ལྔ། རྩོམ་ཡིག་བསྐུར་སྟངས།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་ལྗོངས་ས་གནས་ལོ་རྒྱུས་གཞུང་ལས་ཁང་དུས་དེབ་རྩོམ་སྒྲིག་པུའུགིས་འགན་འཁུར་གྱི་ཡོད། ལོ་ལྟར་རྩོམ་བསྡུ་བྱེད་རྒྱུ་དང་། སྦྲག་སྲིད་དང་གློག་རྡུལ་ཡིག་སྒམ་སོགས་བརྒྱུད་ནས་བསྐུར་དགོས།

འབྲེལ་གཏུག་མི་སྣ།  བསོད་ནམས་སྒྲོལ་དཀར།

འབྲེལ་གཏུག་ཁ་པར་ཨང་གྲངས། 0891-6326845  0891-6338111-8827

སྦྲག་སྒམ།xzdfzbjb@163.com

སྦྲག་སྲིད་ས་གནས། བོད་ལྗོངས་ལྷ་ས་ཁྲེན་ཀོན་ཆུས་བཅིངས་འགྲོལ་ཤར་ལམ་ཨང་1བོད་རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དུས་དེབ་རྩོམ་སྒྲིག་པུའུ།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་།

ལྗོངས་ས་གནས་ལོ་རྒྱུས་གཞུང་ལས་ཁང་ 

2023ལོའི་ཟླ་9ཚེས་12ཉིན།

扫一扫在手机打开当前页

首页 新闻中心 信息公开 党的建设 部门动态 地市动态 民族团结 援藏专栏 视频中心 资料库 西藏党史 党报党刊
首页>发布厅>公示公告
《བོད་ཀྱི་ཏང་གི་ལོ་རྒྱུས་དཔྱད་གཞི》ཡི་རྩོམ་བསྡུའི་སྐོར་གྱི་གསལ་བརྡ།
来源:西藏日报 作者: 发布时间:2023年09月19日

版权所有:中共西藏自治区委员会办公厅

备案号: 藏ICP备11000106号-3 藏公网安备54010202000062号